昊梵体育网

ཁ་སང་མཁས་དབང་དགེ་ཆོས་མཆོག་གི་འཁྲུངས་གཞིས

ཁ་སང་མཁས་དབང་དགེ་ཆོས་མཆོག་གི་འཁྲུངས་གཞིསུ་མཇལ་ཞོར། ཁོང་གིས་ཕ་གཞིས་ཞེས་ཞལ་ཆེམས་གནང་བར་གྲགས་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མའི་ཕྱག་བྲིས་ཕྱག་དཔེའི་དེབ་འདི་བླུས་པ་ལགས། ཁ་སང་ཁོང་གི་འཁྲུངས་གཞིས་སུ་འདས་པོ་སྐུ་ཚ་གཡུང་དྲུང་རྒྱལ་ལགས་ཀྱི་ཆུང་མར་མཇལ་བས་སེམས་པ་སྡུག་ཙམ་བྱུང་། ཁོང་གིས་སྔོན་ཆད་གླེང་མྱོང་བའི་མཁས་དབང་མཆོག་དང་འབྲེལ་བའི་དཔེ་འཚོང་ཁང་དང་སྤོས། བདུག་པ། ཕུར་ཐུང་། ལྕགས་སྨྱུག་སོང་བཟོས་པ་མཐོང་བས་སེམས་པ་དགའ་ཙམ་ཡང་བྱུང་།