昊梵体育网

འཛམ་གླིང་བུམ་པའི་རྐང་རྩེད་ནི་༡༩༣༠.ལོ་དབུ

འཛམ་གླིང་བུམ་པའི་རྐང་རྩེད་ནི་༡༩༣༠.ལོ་དབུ་བཙུགས། ད་ལྟའི་བར་མི་ལོ་བརྒྱ་ལ་ཉེར་འདུག འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་མ་གཏོགས་ལོ་བཞི་རེའི་ནང་འགྲན་བསྡུར་ཐེངས་གཅིག་རེ་རྒྱུན་མ་ཆད་པར་བསྡུས། དང་ཐོག་རུ་ཁག་བཅུ་ཙམ་ལས་ད་ལྟར་རུ་ཁག་ཞེ་བརྒྱད་ཀྱི་འགྲན་རྩོད་དུ་གྱུར། འཛམ་གླིང་རྒྱལ་ཁབ་དག་གིས་ཐོག་མར་གླིང་རེ་རེ་ནས་འགྲན་བསྡུར་བྱས་ཤིང་། ཕུལ་ཏུ་བྱུང་བ་རྣམས་བསལ་འདེམ་བྱས་ཏེ་ད་ལོ་རྒྱལ་ཁབ་རུ་ཁག་ཞེ་བརྒྱད་འཛམ་གླིང་གཟེངས་བུམ་དུ་ཚུད་ཡོད་པ་རེད།

༡༩༣༠ལོར་འགྲན་བསྡུར་ཐེངས་དང་པོ་བརྩམས་པ་ནས་བཟུང་། རྐང་རྩེད་ནི་འཛམ་གླིང་གི་ལུས་རྩལ་རྣམ་གྲངས་ལས་ཨང་དང་བོར་ངོ་འཛིན་བྱེད་ཀྱི་ཡོད། དེ་ནི་ཁྲོ་ར་དང་ལྟད་མོ་བ་དགའ་བསུ་ཐོབ་གྲངས་ཆེས་མང་བ་སོགས་ཀྱི་ངོ་ནས་བརྗོད་རྒྱུ་ཡོད། འགྲན་བསྡུར་འདི་ལོ་ངོ་བཞི་རེ་ནང་ལ་ཐེངས་གཅིག་རེ་རྒྱལ་ཁབ་མི་འདྲ་ཁག་དུ་བཀོད་བཞིན་ཡོད། དེ་ནི་ཆེས་སྤྱི་སྟེང་གི་ལུས་སྦྱོང་འགྲན་རིམ་ཙམ་ལས་ཡོངས་སུ་རྒལ་ནས། མིའི་རིགས་མཐུན་མོ་གི་རྣམ་ཤེས་ཀྱི་སྐད་བརྡ་ཞིག་ཏུ་གྱུར་ཡོད། ཤ་མདོག་དང་རྒྱལ་ཁུང་། དད་མོའི་མི་འདྲ་བའི་མི་རྣམས་གཅིག་ཏུ་འདུས་ནས་འགྲན་བསྡུར་ར་བ་དང་ཐད་གཏོང་འཕྲིན་ལམ་གང་ས་ནས་རང་རང་དགའ་སའི་རུ་ཁག་དང་ལས་རྩལ་པ་དགའ་འབོད་དང་ཡི་རངས་དྲགས་པོ་བྱེད་ཀི་འདུག། མི་རྣམ་ས་ཁོང་གི་འབྱེད་འཚམས་ཡོངས་སུ་རྒལ་ནས་མཐུན་མོ་གི་སྤྲོ་དགའ་ལོངས་སུ་སྤྱོད་ཀྱི་འདུག

༢༠༢༦.ལོའི་མེ་ཁ་མཱོ་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོ་དངོས་སུ་འགོ་ཚུག་ནས་ད་བར་ཟླ་གཅིག་ལྷག་འགོར་སོང་བའི་འགྲན་བསྡུར་གྱི་ཕྱིར་ན་ཕུལ་ཏུ་བྱུངབའི་རུ་ཁག་བཞི་ཡོད། ཧྥ་རན་སི། སི་པེན། དབྱིན་ཀེ་ལན། ཨ་ཀེན་ཐིན་བཅས་ཀྱི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྤྱི་ཟླ༧.པའི་ཚེས་༡༥་ནས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་འགོ་ཚུགས་ཀྱི་རེད། མི་ལོ་བརྒྱའི་ཡུན་གྱི་རྩེད་མོ་དང་སྐད་འབོད་ད་དུང་ཡང་འཚམས་ཆད་མེད། འུ་ཅག་གི་ངར་སྡུབ་ཀྱི་འཚོ་བ་རེ་ཞིག་བརྗེད་པ་བྱས་ནས་མཛའ་དྲགས་གི་འགྲན་བསྡུར་རེ་རེ་ལོངས་སུ་སྤྱོད། ལྷོ་རྒྱལ་འཛམ་བུ་གླིང་ཧྲིལ་གྱིས་སྒུལ་བའི་མཛེས་སྡུག་གི་ལྟད་མོ་འདི་ལོངས་སུ་སྤྱོད།