འགྲན་བསྡུར་འདི་ལ་བརྟེན་ནས་འཛམ་གླིང་ཞི་བདེ་དང་རྒྱལ་ཁབ་མཛའ་འབྲེལ་གྱི་རྣམ་པ་མཚོན་གིན་ཡོད་པར་མ་ཟད། རྒྱལ་ཁབ་ཅིག་གི་རིག་གནས་དང་དཔལ་འབྱོར་སོགས་ཁྱད་ཆོས་ངོམ་སའི་གནས་ཤིག་ཏུའང་གྱུར་ཡོད་ཟེར།
མདང་དགོང་ཨ་ཀེན་ཐིན་ཡིས་🇦🇷2.བསྡུར་ 🇦🇹0.ཨོ་སི་ཁྲུ་རི་ཡ་ལས་རྒྱལ། ལོ་39.ལ་སླེབས་ཉེར་ཡོད་པའི་མའེ་ཤིས་ཀྱིས་འཛམ་གླིང་བུམ་པའི་རྐང་རྩེད་འགྲན་བསྡུར་ཐོག་སྤོ་ལོ་18.འཛུལ་ནས་ཁེ་ལུའོ་ཙེ་ལས་བརྒལ་ཏེ་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་རྒྱལ་པོའི་ཅོད་པན་བླངས། རྐང་གྲུག་འགྲན་བསྡུར་ནི་རྒྱལ་ཁབ་སོ་སོ་དང་མི་སྒེར་རེ་རེ་ཡི་གཟི་བརྗིད་ཆེས་ཆེ་བ་དེ་ཡིན་པ་དང་རྨི་ལམ་དུའང་ཐོབ་པར་རེ་བའི་ངོ་མཚར་ཞིག་ཏུ་ཆགས་ཡོད་པ་ཡིན།
“མའེ་ཤིས”འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ལོ་རྒྱུས་ཐོག་ཨང་དང་པོར་སླེབས། འགྲན་ཐེངས་རེ་རེར་རྐང་གྲུག་པ་དག་གིས་རང་རང་རྒྱལ་ཁབ་ཀྱི་ང་རྒྱལ་དང་སྙིང་སྟོབས་ཁུར་ནས་རྐང་གྲུག་ལ་བཅངས་པའི་ཆེས་ཡིད་དུ་འོང་བའི་རྨི་ལམ་དེ་མངོན་གྱུར་འོང་ཆེད་ནུས་ཤུགས་ཡོད་རྒུ་འདོན་གིན་ཡོད་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ལྟད་མོ་བ་དག་གིས་འགྲན་བསྡུར་འདི་ཁོག་དཔུང་དང་རིགས་ཞེན་གྱིས་མཐོ་རུ་བཏེགས་ཡོད།


