སྤྱིར་འཛམ་གླིང་རྐང་རྩེད་སྤོ་ལོ་ལ་ལྟ་རྒྱུ་ཧ་ཅང་དགའ། ཡིན་ཡང་། ད་ལོའི་འགྲན་བསྡུར་མང་ཤོས་ནི་མཚན་གུང་གི་དུས་ཚོད་གཉིས་གསུམ་ཏག་ཏག་སྐབས་རེད། མང་བོ་ཞིག་ལ་བལྟ་མི་ཐུབ་ཀི དེ་རིང་རྐང་རྩེད་སྤོ་ལོའི་{F}ཚོགས་ཆུང་གི་རེས་སྐོར་གཉིས་པ་ཉིན་མོའི་དུས་ཚོད་༡༢.ཐོག་རེད།
ལས་མཚམས་བཞག་ནས་ཉིན་གུང་ངར་གསོ་དང་བསྟུན་ནས་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་བལྟས། ཉི་ཧོང་རུ་ཁག་གིས་4__0 ཐུ་ནི་སི་ལས་རྣམ་པར་རྒྱལ་ཏེ་འཛམ་གླིང་བུམ་པའི་འགྲན་བསྡུར་ཐེངས་གཅིག་གི་ནང་ལ་སྤོ་ལོ་4་འཛུལ་ནས་ཨེ་ཤེ་ཡའི་སྤོ་ལོ་རུ་ཁག་ལ་སྟོབས་ཤུགས་བརྩོན་ལེན་མིག་སྔའི་ཆེས་ཆེ་བའི་བསྡུར་གྲངས་ཀྱི་ཟིན་ཐོ་གསར་བའི་རྒྱལ་ཁ་བསྐྲུན།
རྐང་རྩེད་སྤོ་ལོ་འགྲན་བསྡུར་དེ་དག་ནི། བལྟས་ཚོད་ལ་རྩེད་མོའི་རྣམ་པ་ཙམ་ལས་ཅི་ཡང་མིན་པ་ལྟར་སྣང་ཡང་། ཞིབ་ཏུ་དཔྱད་ན། རུ་ཁག་རེ་རེའི་རྒྱབ་ལྗོངས་ན། རྒྱལ་ཁབ་དང་མི་རིགས་རེ་རེའི་འཕེལ་རྒྱས་དང་ཁ་ཕྱོགས། སྙིང་རུས་དང་ངང་རྒྱུད། ཐབས་ཇུས་དང་རྣམ་དཔྱོད་ཀྱི་ཤེས་རབ་སོགས་ཁྱད་མཚར་བའི་ལྟད་མོ་མང་བོ་མངོན་གྱིན་འདུག་པས།
དེ་རིང་ཡང་ཉི་ཧོང་རྐང་སྤོལ་རུ་ཁག་གིས་ཨེ་ཤེ་ཡའི་ནང་ལ་སྐད་གྲགས་བཞག་སོང་། སྣང་ཚུལ་འདིས་ནི། ཉི་ཧོང་གི་མིའི་གཟན་ནན་དང་ཞིབ་ཚགས། ནམ་ཡང་ཧུར་བརྩོན་ལ་དགའ་བའི་གཤིས་ཀ་དེ་ཡང་འཛམ་གླིང་ཡོངས་ལ་གསལ་བོར་བསྟན་སོང་བས། དེ་ནི་ཆེས་ཡིད་དབང་འཕྲོག་པ་ཞིག་རེད།


